ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་
འཛིན་བདག་དགེ་རྒན་བསྡུ་བའི་བརྡ་ཐོ།
《ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འཛིན་བདག་དགེ་རྒན་གདན་ཞུ་དང་དོ་དམ་བྱེད་ཐབས་》གཞིར་བཟུང་། ངེད་སློབ་གླིང་གིས་འཛིན་བདག་དགེ་རྒན་གཅིག་བསྡུ་འཆར་ཡོད། ཞིབ་ཕྲའི་གནས་ཚུལ་ནི་གཤམ་གསལ་ལྟར།
དང་པོ། ཆ་རྐྱེན།
1.ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོང་བཀུར། མེས་རྒྱལ་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།
2.འདུལ་ཁྲིམས་གཙང་སྲུང་དང་བཅའ་ཁྲིམས་ནན་སྲུང་བྱེད་པ། སྤྱོད་ལམ་ཡག་ཅིང་སློབ་མའི་མིག་དཔེར་འོས་པ། རང་དཔེ་གཞན་སྟོན་གྱིས་སློབ་གླིང་གི་མཚན་སྙན་སྲུང་སྐྱོང་བྱེད་པ།
3.བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་དགའ་ཞེན་ཡོད་ཅིང་འགན་འཁྲི་འཁུར་སེམས་ཆེ་བ།
4.རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་བྱང་བ་ཆེ་ལ་རྩ་འཛུགས་དོ་དམ་གྱི་ནུས་པ་ཆེ་བ་དང་། སློབ་གསོ་དང་ཁྲིད་སྟོན་གྱི་ནུས་པ་ངེས་ཅན་ལྡན་པ།
5.ལུས་ཕུང་བདེ་ཐང་ཡིན་ཞིང་འཛིན་བདག་དགེ་རྒན་གྱི་བྱ་བ་གཉེར་ཐུབ་པ།
6.བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ཐོབ་ཟིན་པ།
7.རང་ལོ་35ནས་50བར་ཡིན་པ།
8.ལས་འགན་འཁུར་བའི་ནུས་པ་གཞན་དག་འཛོམས་པ།
གཉིས་པ། ལས་འགན་གཙོ་བོ།
སློབ་མ་སྒྲིག་འཛུགས་བྱས་ཏེ་སློབ་གླིང་གི་སློབ་ཁྲིད་བྱེད་སྒོ་ཁག་ལ་ཞུགས་སུ་འཇུག་རྒྱུ། སློབ་མས་སློབ་གླིང་གི་སྒྲིག་སྲོལ་དང་ལམ་ལུགས་ཁག་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱེད་པ། སློབ་གླིང་གིས་བཀོད་སྒྲིག་བྱས་པའི་ལས་འགན་གཞན་དག་བསྒྲུབ་རྒྱུ།
གསུམ་པ། གདན་ཞུའི་དུས་ཡུན་དང་འབྲེལ་ཡོད་ཐོབ་ཆ།
གདན་ཞུ་བྱེད་ཡུན། 2025ལོའི་ཟླ10པ་ནས་2028ལོའི་ཟླ6པ།
འབྲེལ་ཡོད་ཐོབ་ཆ། སློབ་གླིང་གིས་ཚད་གཞི་ལྟར་འཚོ་བའི་ཁ་གསབ་སྤྲོད་རྒྱུ་དང་། སྡོད་ས་དང་ཟ་མ་འདོན་སྤྲོད་བྱ་རྒྱུ།
བཞི་པ། མིང་ཐོ་འགོད་ཐབས།
1.མིང་ཐོ་འགོད་པ། མིང་ཐོ་འགོད་མཁན་གྱིས་རང་ཉིད་ཀྱི་མཚམས་སྦྱོར་མདོར་བསྡུས་དང་། རང་ཉིད་ཀྱི་ཐོབ་ཐང་དཔང་ཡིག བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་དཔང་ཡིག མཐོ་རམས་པའི་ཡོན་གནས་དཔང་ཡིག དགོན་པའི་འོས་སྦྱོར་ཡི་གེ་བཅས་ ཡིག་ཆ་ཁག་པར་ལེན་པའམ་བཤེར་འབེབས་བྱས་ཏེ་2025ལོའི་ཟླ9པའི་ཚེས་30སྔོན་ལ་གློག་རྡུལ་ཡིག་སྒམ་416711209@qq.comནང་བསྐུར་དགོས།
2.འོས་མི་སྣ་གཏན་འཁེལ་བྱེད་པ། སློབ་གླིང་གིས་ཕྱོགས་སོ་སོའི་བསམ་འཆར་ལ་གཞིགས་ཏེ་འོས་མི་གཏན་འཁེལ་དང་འོས་མིའི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ།
ལྔ་པ། འབྲེལ་གཏུག་བྱ་ཡུལ།
ཕུར་བུ་དོན་གྲུབ། 010-58334665、13691223033
སངས་རྒྱས་སྐྱབས། 010-58334617、18910877508
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་།
2025ལོའི་ཟླ་9ཚེས་17ཉིན།